བཤེས་གཉེན།
ཤ་རུས་འདྲེས་པའི་ལུས་འདི།
དྲིན་ཆེན་ཨ་མས་གནང་བྱུང་།
དལ་འབྱོར་མི་ཚེའི་སྙིང་པོ།
བཤེས་གཉེན་ཁྱེད་ཀྱིས་གནང་བྱུང་།
ཁྱེད་གཙང་མཁས་གཞན་ཕན།
ང་ཡི་ལམ་སྟོན་སྒྲོན་མེ།
བཀའ་དྲིན་ཆེ་ཁྱེད་ཀྱི་བསླབ་བྱ།
འགྱུར་མེད་བུ་ངའི་དམ་བཅའ།
གཞན་ཕན་ལས་ལ་སྤྲོ་བའི།
བརྩེ་ལྡན་གྱི་བཤེས་གཉེན།
རང་ཉིད་ལུས་པོ་ཟད་ནས།
གཞན་ལ་སྤྲོ་བ་སྟེར་བ།
གནམ་ན་ཁྲི་གདུགས་ཉི་མ།
གཞན་ལ་དྲོ་སྐྱིད་སྟེར་བ།
ལྷད་མེད་ལུས་ངག་ཡིད་གསུམ།
ཁྱེད་ཀྱི་དྲིན་ལན་འཇལ་ཆོག
ང་ལ་བྱམས་ཀྱིས་སྐྱོང་བའི།
བརྩེ་ལྡན་གྱི་བཤེས་གཉིན་ལགས།