ཞལ་རས་མཛེས།
ཞལ་རས་མཛེས་མ།
ཁོག་པ་སྟོང་པ།
སེམས་པ་ཆེན་པོ།
རང་ཤེད་ཆེན་པོ།
སྙིང་རྗེ་མེད་པ།
ཡིད་ཆེས་མེད་པ།
ཁྱེད་ལ་བསྒུགས་ནས་ཡིད་སེམས་སྐྱོ་བྱང་།
ཁྱེད་ལ་སེམས་པ་ཆགས་པ།
སྨྱོན་པ་ངའི་ལས་རེད།
ཁྱེད་ལ་བརྩེ་བ་སྤྲོད་པ།
ཉམ་ཆུང་ངས་ནོར་ཤག
དགའ་དགའ་སྤྲོ་སྤྲོ་བཞུགས་ཨ།
མི་ཚེ་ཁྱེད་དང་བྲལ་ཆོག
བརྩེ་བ་བརྩེ་བ།
བརྩེ་བ་སྟོང་པ།
མི་ཚེ་མི་ཚེ།
མི་ཚེ་རྨི་ལམ།
དྲང་པོ་ཟེར་བ་མཐོང་ཡས་མི་འདུག
རང་སེམས་ཤོར་བ།
འདི་དངོས་གནས་རང་ཡིན།