སེར་གྱི་ལེ་ཉི་མ་ཤར་འདྲ་བོ།

སེར་གྱི་ལེ་ཉི་མ་ཤར་འདྲ་བོ།
དཔེ་བཞག་ན་དཔལ་ལྡན་བླ་མ་རེད།
སེར་གྱི་ལེ་ཉི་མ་ཤར་འདྲ་བོ།
དཔེ་བཞག་ན་དཔལ་ལྡན་བླ་མ་རེད།
སྐུ་གཟི་བརྗིད་ཉི་མ་ཤར་འདྲ་རེད།
གསུང་སྙེན་མོ་ཉི་འོད་རང་འཕྲོ་རེད།
སྐུ་གཟི་བརྗིད་ཉི་མ་ཤར་འདྲ་རེད།
གསུང་སྙེན་མོ་ཉི་འོད་རང་འཕྲོ་རེད།
སྐུ་མརྫད་འཕྲིན་རྒྱས་པའི་བཀྲིས་ཤོག
དཀར་ལམ་མེ་དུང་ཟླ་བ་ཤར་འདྲ་བོ།
དཔེ་བཞག་ན་བྱམས་ལྡན་ཕ་མ་རེད།
དཀར་ལམ་མེ་དུང་ཟླ་བ་ཤར་འདྲ་བོ།
དཔེ་བཞག་ན་བྱམས་ལྡན་ཕ་མ་རེད།
ཞལ་འཛུམ་དཀར་ཟླ་བ་ཤར་འདྲ་རེད།
ཚིག་སྙན་མོ་ཟླ་འོད་རང་འཕྲོ་རེད།
ཞལ་འཛུམ་དཀར་ཟླ་བ་ཤར་འདྲ་རེད།
ཚིག་སྙན་མོ་ཟླ་འོད་རང་འཕྲོ་རེད།
ཚེ་བསོད་ནམས་རྒྱལ་པའི་བཀྲིས་ཤོག
ཁྲ་ཆིལ་ལེ་སྐར་ཚོགས་ཤར་འདྲ་བོ།
དཔེ་བཞག་ན་བོད་རིགས་སྤུན་ཟླ་རེད།
ཁྲ་ཆིལ་ལེ་སྐར་ཚོགས་ཤར་འདྲ་བོ།
དཔེ་བཞག་ན་བོད་རིགས་སྤུན་ཟླ་རེད།
བློ་རིགས་པ་སྐར་ཚོགས་ཤར་འདྲ་རེད།
དོན་ལེགས་ཚོགས་སྐར་འོད་རང་འཕྲོ་རེད།
བློ་རིགས་པ་སྐར་ཚོགས་ཤར་འདྲ་རེད།
དོན་ལེགས་ཚོགས་སྐར་འོད་རང་འཕྲོ་རེད།
ཡིད་བསམ་དོན་འགྲུབ་པའི་བཀྲིས་ཤོག