གསེར་གྱི་བུམ་པ།
ཙ་བའི་བླ་མའི་ཕྱག་ལ་ནི།
གསེར་གྱི་བུམ་པ་བསྣམས་ལ་ཡིད།
བུམ་པའི་ནང་གི་བུམ་ཆུ་ནི།
གླིང་བཞི་ཀུན་ལ་ཁྱབ་ནས་ཡོད།
བུམ་ཆུ་འཐུང་མཁན་མི་ལ།
ངན་སོང་མྱོང་དགོས་མེད་དོ།
དགའ་སོང་ཟེར་ན་གཡས་བསྐོར་ལ་ཕེབས།
ཡུལ་ལ་སྐྱིད་པའི་ཉི་མ་ཤར་སོང་ལ།
ཉི་མ་འཇའ་ཚོན་སྣ་ཤར་སོང་།
སྐྱིད་སོང་ཟེར་ན་གཡོན་བསྐོར་ལ་ཕེབས།
ཡུལ་ལ་སྐྱིད་པའི་ཟླ་བ་ཤར་སོང་ལ།
ཟླ་བ་ཚེས་ཆེན་བཅོ་ལྔ་ཤར་སོང་།
དབྱར་གྱི་དུས་སུ་མཆོད་པ་འབུལ།
མེ་ཏོག་གཙང་མ་བརྒྱ་ཡིས་མཆོད་པ་འབུལ།
ཞལ་ཟས་གཙང་མ་བརྒྱ་ཡིས་མཆོད་པ་འབུལ།