སེམས་འགྱུར།
བུ་མོ་ཁྱེད་རང་དང་པོ་མཐོང་དུས།
ལྷ་ལས་ལྷག་པ་བསམས་བྱུང་།
ཟླ་བ་ཁ་ཤས་རྗེས་ལ།
གདོན་འདྲེ་གསོན་པ་ཆགས་ཤག་བུ་མོ་ལགས།
བུ་མོ་ཁྱེད་ཀྱི་ཞལ་རས་འདི་ནི།
དཀར་གསལ་ཟླ་བ་འདྲ་ལ།
བུ་མོ་ཁྱེད་ཀྱི་སེམས་པ་འདི་ནི།
དབྱར་ཁའི་གནམ་དང་འདྲ་སོང་བུ་མོ་ལགས།
ཁྱེད་རང་མཉམ་དུ་མི་ཚེ་བསྐྱལ་ན།
ང་རང་དངོས་གནས་སྨྱོན་པ་ཆགས་ས་རེད་བུ་མོ་ལགས།