སེམས་ང་ལ་ཤོར་ཤག

མགོ་སྒུར་ནས་མ་འགྲོ།        བུ་མོ་ལགས།
སྤྱན་ང་ལ་གཟིགས་དང།      མཛེས་མ་ལགས།
བློ་ང་ལ་བཅོལ་དང།         མཛེས་མ་ལགས།
ཧ་ཡང་བཀྲུ་དགོས་མེད་ནས།
ཆུ་ལ་ཡང་ཡང་སྤང་གི
སེམས་ང་ལ་ཤོར་ཤག 
བུ་མོ་ལགས།
ཁྲོན་ཆུ་ལེན་དགོས་མེད་ནས།
སྐོར་ར་ཡང་ཡང་རྒྱག་གི
སེམས་ང་ལ་ཤོར་ཤག 
བུ་མོ་ལགས།
བློ་ང་ལ་ཤོར་ཤག
མཛེས་མ་ལགས།
ཡིད་ང་ལ་ཤོར་ཤག
མཛེས་མ་ལགས།
བུ་ང་ཡར་ཡར་འགྲོ་དུས།
སྤྱན་ཟུར་ཡང་ཡང་བལྟ་གི
སེམས་ང་ལ་ཤོར་ཤག
བུ་མོ་ལགས།
བུ་ངའི་ཁྲིས་ལ་སླེབས་དུས།
ཚ་ག་ཚིག་གི་ཤོར་གི
སེམས་ང་ལ་ཤོར་ཤག 
བུ་མོ་ལགས།
བློ་ང་ལ་ཤོར་ཤག
མཛེས་མ་ལགས།
ཡིད་ང་ལ་ཤོར་ཤག
མཛེས་མ་ལགས།