སེམས་ཁྲལ་མ་བྱེད།
སེམས་ཁྲལ་མ་བྱེད་ང་ཡི་གྲོགས་པོ་ལགས།
ཁྱེད་ལ་སྐྱིད་པའི་ཉི་མ་མྱུར་དུ་ཤར་ཡོང་།
སེམས་ཁྲལ་མ་བྱེད་ང་ཡི་གྲོགས་པོ་ལགས།
ཁྱེད་ལ་སྐྱིད་པའི་ཉི་མ་མྱུར་དུ་ཤར་ཡོང་།
མི་ཡི་མི་ཚེ་གཅིག་གི་ནང་ལ་སྐྱིད་པོ་སྡུག་པོ་གང་ཡང་འཕྲད་ཡོང་།
སེམས་སྐྱོ་སྐྱོ་མ་གནང་ད་ལྟའི་དུས་ཚོད་ལ།
སང་ཉིན་གནས་སྟངས་འགྱུར་བ་འགྲོ་ཡོང་།
ང་ཡི་མཉམ་དུ་དགའ་དགའ་སྤྲོ་སྤྲོ་གནང་།
ལན་གཅིག་ཁྱེད་ཀྱི་ཐུགས་བཞེད་ལྷོད་ལྷོད་གནང་།
སེམས་ཁྲལ་མ་བྱེད་ང་ཡི་གྲོགས་མོ་ལགས།
ཁྱེད་ལ་སྐྱིད་པའི་ཉི་མ་མྱུར་དུ་ཤར་ཡོང་།
འཇིག་རྟེན་འཁོར་བ་འདི་ཡི་གནང་ལ།
སྐྱིད་པོ་སྡུག་པོ་གང་ཡང་འཕྲད་ཡོང་།
སེམས་སྐྱོ་སྐྱོ་འདི་འདྲའི་གནང་ནས་ཕན་རྒྱུ་གང་ཡང་མེད།
མདུན་ལ་གཟིགས་ནས་ཐུགས་སེམས་ལྷོད་ལྷོད་གནང་དང་།
ང་ཡི་མཉམ་དུ་དགའ་དགའ་སྤྲོ་སྤྲོ་གནང་།
ལན་གཅིག་ཁྱེད་ཀྱི་ཐུགས་བཞེད་ལྷོད་ལྷོད་གནང་།