གསེར་ཁྲི་མངའ་གསོལ།

གནས་ཆེན་རེ་ཡོད།
ཐེག་ཆེན་ཆོས་གླིང་ཡོད།
ངྷ་རམ་ཐེག་ཆེན་གླིང་གི་ངོ་མཚར་ཆེ།
ཕོ་བྲང་ནང་དུ་བཞུགས་པས་ངོ་མཚར་ཆེ།
༧སྐྱབས་མགོན་ཡིད་བཞིན་ནོར་བུ་ངོ་མཚར་ཆེ།
ཆུ་ཆེན་རེ་ཡོད།
ཆུ་ཆུང་རེ་ཡོད།
བདག་དང་གྲུ་གཟིངས་རྟ་མགོའི་ཉམས་བཟང་རེ་ལོ།
ཞིང་ཆེན་རེ་ཡོད།
ཞིང་ཆུང་རེ་ཡོད།
བདག་དང་ཁྱུང་དཀར་མཛོ་ཕོའི་ཉམས་བཟང་རེ་ལོ།
སྤྱན་རང་གཟིགས་དབང་བོད་ལ་གཟིགས་ནས་བཞུགས།
གསེར་ཁྲི་མངའ་གསོལ་ཞུས་ཡོད་ཉམས་བཟང་ལགས།
གཞིས་བྱེས་བོད་མི་ཡོངས་ཀྱི་ཉམས་བཟང་རེ་ལོ།
བཀྲ་ཤིས་ཞབས་བྲོ་གསུམ་ཡང་སྒྲིགས།