བསང་གསོལ།

ཚེས་བཟང་དགེ་བའི་དུས་ལ།
བསང་གསོལ་གཏོང་བར་ཕྱིན་པས།
དྲི་བཟང་དུ་སྤྲིན་ནང་ནས།
བླ་མའི་ཞལ་རས་མཇལ་བྱུང་།
མཚོན་སྣ་ལྔ་ཡི་དར་ལྕོག
ནམ་མཁའི་མཐོངས་ལ་བཙུགས་ཡོད།
བླ་མའི་སྐུ་ཚེ་བརྟན་པའི།
སྨོན་ལམ་སེམས་ནས་བཏབ་ཡོད།