ས་སྐྱ་ཕྲ་མོ།
ས་སྐྱ་ཕྲ་མོའི་རི་ལ།
ཞུ་ཡིག་རྒྱ་ཤོག་དཀར་ཆུང་།
རྒྱ་ཤོག་བསྒྲིལ་ཞིང་བསྒྲིལ་ཞིང་།
བླ་མའི་ཕྱག་ཏུ་ཕུལ་ཡོད།
གསེར་ཀོང་གསེར་ལ་མ་བཅོས།
བལ་པོའི་ལུག་ལ་མ་བླུག
ཡབ་ཡུལ་གཉིས་ལ་འཁྲུངས་པའི།
མི་བཟང་གསེར་གྱི་རང་བྱོན།
དགུང་སངས་མཐོན་པོ།
གཅིག་གཉིས་གསུམ།
དགུང་སངས་མཐོན་པོ།
བཞི་ལྔ་དྲུག
ཀུ་ཊོ་མ་ཞིག་གཏོང་ལས་ཞོག