བསགས་པའི་སྦྲང་ཆར།

གྲལ་འགོ་ཡར་ལ་བཞུགས་པའི།
མི་བཟང་གསེར་གྱི་རྡོ་རྗེ།
བདག་གི་བཞུས་པའི་མཆོད་ཆང་།
མི་དགོས་ཞུ་རྒྱུ་མེད་དོ།
ཕོ་དཀྲུགས་གཡས་ལ་བཏགས་ཡོད།
མོ་དཀྲུགས་གཡོན་ལ་བཏགས་ཡོད།
བསོད་ནམ་བསགས་པའི་སྦྲང་ཆང་།
ཞིམ་པོའི་སྟེང་དུ་བབ་བྱུང་།