རི་འདི་ཁ་རག་རི།

ཡང་ལ་སོའོ།
རི་འདི་ཁ་རག་རི་ཡི་རྩེ་མོ་ནས་བལྟས་པས།
ཡང་ཁ་རག་རི་ཡི་རྩེ་མོ་ནས་བལྟས་པས།
རྩེ་མོ་གངས་ལ་ཆགས་ཡོད་དོ།
གངས་སེང་དཀར་མོ།
ཡང་གངས་ལ་ཆགས་ཡོད་དོ།
གངས་སེང་དཀར་མོ།
ཁ་བ་བུ་ཡུག་མེད་པ་འདི།
གནས་བསོད་རེ་བདེ་བྱུང་།
ཡང་བུ་ཡུག་མེད་པ་འདི།
གནས་བསོད་རེ་བདེ་བྱུང་།
ཡང་ལ་སོའོ།
རི་འདི་ཁ་རག་རི་ཡི་སྐེད་པ་ནས་བལྟས་པས།
ཡང་ཁ་རག་རི་ཡི་སྐེད་པ་ནས་བལྟས་པས།
སྐེད་པ་ཤིང་ལ་ཆགས་ཡོད་དོ།
བྱིའུ་ཆུང་འཇོལ་མོ།
ཡང་ཤིང་ལ་ཆགས་ཡོད་དོ།
བྱིའུ་ཆུང་འཇོལ་མོ།
ཁྲ་དང་འུག་པ་མེད་པ་འདི།
གནས་བསོད་ར་བདེ་བྱུང་།
ཡང་འུག་པ་མེད་པ་འདི།
གནས་བསོད་རེ་བདེ་བྱུང་།
ཡང་ལ་སོའོ།
རི་འདི་ཁ་རག་རི་ཡི་རྩ་བ་ནས་བལྟས་པས།
ཡང་ཁ་རག་རི་ཡི་རྩ་བ་ནས་བལྟས་པས།
རྩ་བ་ཆུ་ལ་ཆགས་ཡོད་དོ།
ཉ་ཆུང་གསེར་མིག
ཡང་ཆུ་ལ་ཆགས་ཡོད་དོ།
ཉ་ཆུང་གསེར་མིག
ལས་རྨོངས་ལྕགས་ཀྱུ་མེད་པ་འདི།
གནས་བསོད་རེ་བདེ་བྱུང་།