རེ་བ།

ཁྱེད་ཀྱིས་སྤྲད་པའི་Kiss Kiss Kiss བུ་མོ་ལགས།
བུ་ཆུང་ང་ཡི་Miss Miss Miss བྱེད་ཀྱི་འདུག
ཁྱེད་ཀྱི་ལམ་ཁག་གུག་ནས་བསྡད་ཡོད།
བུ་མོ་ཁྱེད་རང་མཇལ་ཡོང་བསམ་ནས།
ཁྱེད་ཀྱི་ཆེད་དུ་གཞས་འདི་བཏང་ཡིན།
མཛེས་པའི་བུ་མོ་ལན་གཅིག་གསན་དང་།
ཁྱེད་ཀྱི་ཞལ་རས་སེམས་ལ་ཡོད་དུས།
ག་དུས་ཡིན་ཡང་ཁྱེད་རང་དྲན་གྱི།
བུ་ཆུང་ང་ཡི་བུ་མོ་ཁྱེད་རང་ཉིན་མཚན་མེད་པ།
Miss བྱེད་ཀྱི་འདུག
ཆེ་སྔོན་ལས་ལ་བཀོད་པ་ཡོད་ན།
མི་ཆེ་འདི་ལ་བསྐྱར་དུ་མཇལ་ཆོག
བུ་ངིའ་སྐད་ཆ་སེམས་ལ་བཞག་ནས།
མཛེས་ལྡན་ཁྱེད་ཀྱི་ཐུགས་སེམས་བཞེས་རོགས།
ཁྱེད་ཀྱིས་སྤྲད་པའི་Kiss Kiss Kiss བུ་མོ་ལགས།
བུ་ཆུང་ང་ཡི་Miss Miss Miss བྱེད་ཀྱི་འདུག