རི་བོ་རི་བོ་ཇོ་མོ་གླང་མ།
རི་བོ་རི་བོ་ཇོ་མོ་གླང་མ།
གཡོ་བ་མེད་པ་བཞིན་དུ།
གཞིས་བྱེས་བོད་མིའི་བརྩེ་སེམས།
རྡོ་རྗེའི་བྲག་ལས་བརྟན་པ།
མཉམ་འཛོམས་མཉམ་འཛོམས་མཉམ་འཛོམས།
མཉམ་འཛོམས་བྱུང་ན་དགའ་བ།
གཞིས་བྱེས་བོད་མིའི་བརྩེ་སེམས།
རྡོ་རྗེའི་བྲག་ལས་བརྟན་པ།
ཆུ་མོ་ཆུ་མོ་ཡར་ཀླུང་གཙང་པོ།
ལན་ཞིག་གནང་རོགས་གནང་དང་།
རང་གི་ཡུལ་གྱར་སྤུན་ཟླ།
ནམ་ཡང་བརྗེད་ཐབས་མི་འདུག
མཉམ་འཛོམས་མཉམ་འཛོམས་མཉམ་འཛོམས།
མཉམ་འཛོམས་བྱུང་ན་དགའ་བ།
རང་གི་ཡུལ་གྱར་སྤུན་ཟླ།
ནམ་ཡང་བརྗེད་ཐབས་མི་འདུག
མཛེས་པའི་མཛེས་པའི་ཕ་ཡུལ་བོད་ལྗོངས།
སྙིང་ནས་བརྩེ་བའི་སྤུན་ཟླ།
མཇལ་དར་ཨ་ཤེལ་འཁྱེར་ནས།
ཕེབས་སྒུག་ཞུས་ནས་བསྡད་ཡོད།
མཉམ་འཛོམས་མཉམ་འཛོམས་མཉམ་འཛོམས།
མཉམ་འཛོམས་བྱུང་ན་དགའ་བ།
མཇལ་དར་ཨ་ཤེལ་འཁྱེར་ནས།
ཕེབས་སྒུག་ཞུས་ནས་བསྡད་ཡོད།