རང་བཙན།

ཕ་ཡུལ་གངས་ལྗོངས་ཆེན་པོ།
རྒྱ་མི་དམར་པོས་འཕྲོགས་སོང་།
ཉམ་ཆུང་བོད་མི་ང་ཚོ།
མི་ཡུལ་འགྲིམ་དགོས་བྱུང་སོང་།
མི་ཡུལ་ཐོག་མར་བགྲོམ་དུས།
རང་ཁ་གསོ་ནི་མ་ཐུབ།
འབད་པའི་ལས་ལ་ཞུགས་ནས།
རང་འཚོ་ཐུབ་ཙམ་བྱུང་སོང་།
དུས་ཚོད་བྱ་ལྟར་མགྱོགས་པས།
མི་ལོ་ཞེ་གཉིས་ཕྱིན་སོང་།
ད་དུང་ཉམ་ཆུང་ང་ཚོ།
མི་ཡུལ་འགྲིམ་ནས་བསྡད་ཡོད།
བོད་མི་ཡོངས་ཀྱི་དབུ་ཁྲིད།
ཞི་བའི་གངས་སེང་ཆེན་པོས།
ལམ་སྟོན་བཀའ་སློབ་དུ་མས།
གངས་ལྗོངས་བླང་དགོས་གསུངས་ཡོད།