རང་ཡུལ་དྲན།

ཤར་གངས་རི་དཀར་པོ་གང་གི་དཀྱིལ།
གངས་རི་དཀར་པོ་ཤེལ་གྱི་མཆོད་རྟེན་འདྲ།
བྱ་ཁྱུང་པོ་སྟོང་གིས་འབྱུང་ཁུངས་ཡུལ་ནི་དེ་ན་རེད་དོ།
བྱ་ཁྱུང་པོ་སྟོང་གིས་འབྱུང་ཁུངས་ཡུལ་ནི་དེ་ན་རེད་དོ།
གདུང་གནའ་རི་རྒྱལ་མོ་ལ་གི་སྟོད།
གནམ་ས་དཀྱིལ་གྱི་གཡུ་ཡི་མནས་པལ།
བྱ་རྟ་བརྒྱ་སྟོང་གིས་བགྲོད་ས་བགྲོད་ས་རེད།
བྱ་རྟ་བརྒྱ་སྟོང་གིས་བགྲོད་ས་བགྲོད་ས་རེད།
ནུབ་རྫ་རི་སྨུག་པོ་དེ་གར་དཀྱིལ།
དེ་ནག་རྒྱལ་ཀླུ་ཡི་བང་མཇོད་འདྲ།
མཐོ་རི་དྭགས་གདུང་རིགས་མང་ས་མང་ས་རེད།
མཐོ་རི་དྭགས་གདུང་རིགས་མང་ས་མང་ས་རེད།
ལྗོངས་ཕ་རི་སྔོན་མོ་རྩ་ཡིས་བརྒྱན།
རྩ་རྩི་ཐོག་ལ་ཡི་རྒལ་རྩེ་ན།
རྟ་ནོར་ལུག་སྟོང་གི་འཁྲུངས་ས་འཁྲུངས་ས་རེད།