སྤུན་ཟླ་ཆིག་བསྒྲིལ།
༄༅།། སྤུན་ཟླ་ཚོ།
ཆིག་བསྒྲིལ་གྱིས།
ཆོལ་ཁ་གསུམ་གྱི་མི་རིགས།
རང་རིགས་ལ་ཞེན་དང་།
རང་ཡུལ་ལ་སོམས་དང་
བསྟན་དགྲ་རྒྱ་མིས་མནར་གཅོད་གང་འདྲ་བཏང་བྱུང་།
ཆོལ་ཁ་གསུམ་གྱི་སྤུན་ཟླ།
རང་རིགས་བསད་ཅིང་།
རང་ཡུལ་འཕྲོག་མཁན།
བསྟན་དགྲ་རྒྱ་མི་དམར་པོས་ཇི་སྡུག་ཇི་བྱས་མ་བརྗེད་སེམས་ནས་དྲན་དགོས།
རང་གི་སེམས། རང་གི་གཅུན། རང་དོན་ཁོ་ན་མིན་པར།
གངས་ཅན་མགོན་པོའི་བཀའ་བཞིན་བསྒྲུབ་ནས་ཡོངས་རྫོགས་བོད་ལྗོངས་རང་དབང་དོན་ལ་འབུངས་དགོས།
ཆོལ་ཁ་གསུམ་གྱི་སྤུན་ཟླ།