ཕེབས་ཀྱིས་མ་གསུང་།
མརྗེས་པའི་ཡིད་ཕྲོག་ལྷ་མོ།
བུ་ངའི་མཉམ་དུ་ཁྱུག་ཙམ་བཞུགས་དང་།
སེམས་པ་དགའ་ལ་སྐྱིད་པ།
གཡས་གཡོན་སུ་ཡང་མིན་འདུག
བུ་ངའི་སྙན་མཆོག་ནང་ལ།
སྙན་པའི་སྐད་ཆ་བཤད་དང་།
ཁུ་སིམ་སིམ་གི་མཚན་མོ་འདི་ལ།
ནམ་མཁའི་ཟླ་བའི་མཇལ་དུས།
སྒྲོལ་མ་ཁྱེད་རང་དྲན་འབྱུང་།
སིལ་སིལ་རླུང་པོ་ཅན་གྱི
རླུང་དང་ཅང་མའི་དཀྱིལ་ནས།
ཁྱེད་ཀྱི་གསུང་སྐད་ཐོས་འབྱུང་།
ཐུགས་བྲེལ་གནང་བ་མ་གནང་།
ང་རང་གཉིས་ཀྱི་བརྩེ་བའི་ཐོག་ལ།
སུས་ཀྱང་ཤེས་པ་མ་ཡོང་།
ཡིད་གྲོགས་ཕེབས་ཀྱི་མ་གསུང་།
སྐར་མ་ལྔ་ལས་ཞུགས་ལོང་མིན་འདུག
བུ་ངའི་མཉམ་དུ་མཚན་གང་བཞུགས་དང་།