ཕུ་སེ་ལ་ནས།
ཕུ་སེ་ལ་ནས་བལྟས་པས།
རོང་ཤར་ཁས་སྟོད་མཐོང་བྱུང་།
ཁས་སྟོད་ཁ་ཞེངས་ཆེ་ལ།
འགོག་པོ་ཕུ་ཐག་རིང་བ།
གནས་ལ་བྱུང་སེ་ཡོ།
འགོག་པོ་ཕུ་ཡི་རྩྭ་ཁ།
གཞན་དང་འདྲ་ས་མི་འདུག
རོག་ཆུང་སྐྱིད་ཉལ་རྒྱག་ས།
ལུང་བཟང་དེ་ན་འདུག་གོ།
གནས་ལ་བྱུང་སེ་ཡོ།
གཡས་རི་བ་ལུས་བསྐོར་ཡོད།
གཡོན་རི་སུ་ལུས་བསྐོར་ཡོད།
བ་ལུ་སུ་ལུའི་དབར་ལ།
སྤང་རྒྱན་མེ་ཏོག་འཁྲུངས་ཡོད།
གནས་ལ་བྱུང་སེ་ཡོ།
ཁ་ཁུངས་ལྕང་མའི་དཀྱིལ་ལ།
འཇོལ་མོ་མི་འདུག་མ་གསུངས།
བུ་མོ་དབྱངས་ཅན་དཔལ་མོ།
འཇོལ་མོ་མིན་ན་གང་རེད།
གནས་ལ་བྱུང་སེ་ཡོ།
སྨུགས་པ་ལོག་ནས་མ་འགྲོ།
རི་ཡི་སྐེད་ནས་ལོག་ཤོག
མཛེས་པའི་དབྱངས་ཅན་དཔལ་མོ།
སྙིང་དུ་མི་བརྗེད་འདིག་གོ།
གནས་ལ་བྱུང་སེ་ཡོ།
ང་རང་གཅིག་པུ་ཡིན་ན།
པད་མ་བཀོད་ལ་ཕྱིན་ཆོག
ཕ་མ་སྤུན་གྲོགས་བཞག་ནས།
པད་མ་བཀོད་ལ་གང་ཡོང་།
བཀྲ་ཤིས་ཞབས་བྲོ་གསུམ་ཡང་སྒྲིགས།