ཕོ་མོ་འདྲ་མཉམ།
སྐྱེ་དམན་གཅིག་མ་གསུངས།
རིག་ཞན་པ་མ་གསུངས།
ཁྱེའི་དྲིན་ཅན་ཨ་མ།
སྐྱེ་དམན་ན་གང་ཡིན།
ཁྱེད་འབྱུང་སའི་འབྱུངས་ཁུངས།
དྲིན་ཨ་མའི་ཐུགས་རྗེ།
ཁྱེད་དར་ཞིང་རྒྱས་པ།
མས་འབྱོན་པའི་བཀའ་དྲིན།
སེམས་དགའ་བའི་བུ་མོར།
མཐོང་ཆུང་ཞིག་མ་གནང་།
བརྩེ་བའི་ཚེ་རོགས་ལ།
དམའ་འབེབ་ཞིག་མ་གནང་།
ཕོ་ཁྱོ་ག་ཡིན་ན།
རང་ཡུལ་ལ་གཟིགས་དང་།
ཁྱེད་འཇོན་པའི་འཇོན་རབས།
ངའི་སེམས་ལ་གསལ་ཡོད།
ཆུ་མེད་ན་ཉ་མེད།
གནམ་མེད་ན་ས་མེད།
མ་མེད་ན་ཕ་མེད།
ང་མེད་ན་ཁྱེད་མེད།
ཕོ་མོ་གཉིས་འདྲ་མཉམ།
འགྲོ་བ་མིའི་ཐོབ་ཐང་།
སེམས་ཞི་ཞིང་དུལ་བར།
ངར་མི་འདུག་མ་གསུངས།
བྱམས་སྙིང་རྗེ་ཅན་ལ།
དཔའ་མི་འདུག་མ་གསུངས།
བློ་རྣམ་དཔྱོད་མེད་ན།
ལུས་སྟོབས་ཀྱི་ཅི་ཕན།
བྱམས་རྙིང་རྗེ་མེད་ན།
དཔའ་ངར་གྱི་ཅི་ཕན།
ཆུ་ཆར་པ་ངོ་བོ་གཅིག
རླུང་ལྷག་པ་ངོ་བོ་གཅིག
སྤྲིན་སྨུག་པ་ངོ་བོ་གཅིག
ཁྱེད་ང་གཉིས་ངོ་བོ་གཅིག
ཁྱེད་ང་གཉིས་འདྲ་འདྲ།
ལས་དབང་གི་ཁྲ་རེད།
ཐབས་ཤེས་གཉིས་མཉམ་འཛོམ།
ངེད་གཉིས་ཀྱི་ལས་རེད།
ཆུ་མེད་ན་ཉ་མེད།
གནམ་མེད་ན་ས་མེད།
མ་མེད་ན་ཕ་མེད།
ང་མེད་ན་ཁྱེད་མེད།
ཕོ་མོ་གཉིས་འདྲ་མཉམ།
འགྲོ་བ་མིའི་ཐོབ་ཐང་།