ཕོ་བྲང་དམར་པོའི་རྒྱ་ཕིབས།

ངོ་མཚར་ཆེ་ཀརྨ་པ།
ལྡོག་མེད་ཀྱི་སྙིང་སྟོབས་དེས།
མཐའ་དམག་ལ་ཟུག་རྔུ་སྤྲད།
གསེར་མདོག་གི་འཇིག་རྟེན་ལ།
བསུབ་མེད་ཀྱི་ཞབས་རྗེས་གནང་།
ངོ་མཚར་ཆེ་ཀརྨ་པ།
གཡོ་ཟོལ་གྱི་ཐབས་ཞྭ་ལ།
འཛེམ་མེད་ཀྱིས་རྡོག་རྫིས་བཏང་།
རླབས་ཆེན་གྱི་གོམ་སྟབས་ཀྱིས།
ཧི་མ་ལའི་རི་བརྒྱུད་བརྒལ།
ང་ཡི་བླ་མ།
ང་ཡི་སེམས་ནང་གི་བླ་མ།
ང་ཡི་སེམས་ནང་གི་བླ་མ།
ངོ་མཚར་ཆེ་ཀརྨ་པ།
དཔའ་མཛངས་ཀྱི་གཟི་བརྗིད་དེས།
གངས་ཕྲུག་ལ་སྤོབས་པ་བྱིན།
སྐྱབས་མགོན་ཀྱི་གསེར་ཞལ་ལ།
དགྱེས་འཛུམ་གྱི་འོད་དཀར་བསྐྲུན།
ངོ་མཚར་ཆེ་ཀརྨ་པ།
ལ་རྒྱ་ཡི་ལྷག་བསམ་དེས།
གངས་རི་ཡི་ཟུངས་ཁྲག་གསོས།
འགྲན་མེད་ཀྱི་རྣམ་དཔྱོད་དེ།
གླིང་ལྔ་ཡི་ཕ་མཐའ་བརྒལ།
ང་ཡི་བླ་མ།
ང་ཡི་སེམས་ནང་གི་བླ་མ།
སེམས་ནང་གི་བླ་མ།