ཕོ་བྲང་དམར་པོ།

གངས་ཅན་བསོད་ནམས་ཞིང་གི།
ངོ་མཚར་ཕོ་བྲང་དམར་པོ།
བློ་ལྡན་ཁ་བ་རི་པའི།
ཤེས་རབ་དཔལ་ཡོན་རྒྱལ་མཚན།
དྲག་ཆར་རླུང་བུ་རྒོད་ཀྱང་།
ཤེས་རབ་ཡར་ངོའི་ཟླ་བ།
ཁྱེད་ནི་གསེར་གྱི་མཁའ་ལ།
འཛམ་བུ་གླིང་ལ་ཁྱབ་སོང་།
མཛེས་སྡུག་ཁ་བའི་ཞིང་གི།
བརྗིད་ཆགས་ཕོ་བྲང་དམར་པོ།
རིན་ཆེན་སྣེ་མང་བརྒྱན་པའི།
རྡ་རྗེ་བྲག་གི་ཁང་བཟང་།
མཐའ་ཡས་ཆུ་བོ་རྒྱ་མཚོ།
འོད་སྟོང་འབར་ནས་བཞུད་སོང་།
ཁྱེད་ནི་ཉི་ཟླ་བཞིན་དུ།
འཛམ་བུ་གླིང་གི་རྒྱན་ཡིན།