ཕ་ཡུལ་འཛམ་གླིང་ཡང་རྩེ།
རི་དེ་ཧི་མ་ལ་ཡ།
ཕར་ལ་ཤིག་ཙམ་གནང་དང་།
ཕོ་བྲང་པོ་ཏྰ་ལ་ཡི།
མཇལ་ཁ་བྱུང་ན་བསམས་བྱུང་།
དྲན་བྱུང་ལ་དང་དྲན་བྱུང་།
ཉིན་མཚན་མེད་པར་དྲན་བྱུང་།
ཕ་ཡུལ་འཛམ་གླིང་ཡང་རྩེ།
ཉིན་མཚན་མེད་པར་དྲན་བྱུང་།
ཆུ་འདི་གངས་དཀར་ཆུ་མོ།
ས་ལ་ས་ལ་མར་རྒྱུག
ལྷ་ལྡན་གཙུག་ལག་ཁང་གི།
དྲིལ་དབྱངས་ཐོས་ན་བསམས་བྱུང་།
དྲན་བྱུང་་ལ་དང་དྲན་བྱུང་།
ཉིན་མཚན་མེད་པར་དྲན་བྱུང་།
ཤ་ཁྲག་གཅིག་པའི་སྤུན་ཟླ།
ཉིན་མཚན་མེད་པར་དྲན་བྱུང་།
ཤ་ཁྲག་གཅིག་པའི་སྤུན་ཟླ།
ཐུགས་སེམས་སྐྱོ་བ་མ་གནང་།
ལོ་གཅིག་ལོ་གཉིས་རྗེས་ལ།
གཏམ་བཟང་འཁྱེར་ནས་ལོག་ཡོང་།
ཤ་ཁྲག་གཅིག་པའི་སྤུན་ཟླ།
མཇལ་བའི་སྨིན་ལམ་ཞུས་ཡོད།