ཕ་ཡུལ་དྲན་གླུ།

ལ་དྭགས་རི་རྩེ་འཛེགས་ཡིན།
ཕ་ཡུལ་མཇལ་ཡོང་དྲན་བྱུང་།
ཕར་རི་ཚུར་རི་བལྟ་དུས།
ནམ་མཁའ་སྤྲིན་པས་བཀབ་སོང་།
བསོད་ནམས་མེད་པའི་རྐྱེན་གྱིས།
རྒྱ་གར་ཡུལ་དུ་སྐྱེས་སོང་།
དྲིན་ཆེན་ཕ་མའི་ཕ་ཡུལ།
ང་ལ་བཤད་ཡས་མི་འདིག
ཨ་ཙི་སེམས་པ་སྐྱོ་བ།
གངས་ཅན་བོད་ཀྱི་ཞིང་ཁམས།
རྒྱ་དམར་ཀླ་ཀློས་འཕྲོག་སོང་།
སྐྱིད་པའི་ཕ་ཡུལ་བོད་ཀྱི།
བདེ་སྐྱིད་ཚང་མ་འཕྲོག་སོང་།
རྒྱ་དམར་གུང་བྲན་ཀླ་ཀློ།
ལན་གཅིག་གསན་རོགས་གནང་དང་།
རྒྱ་གར་ཡོད་པའི་གཞོན་ནུས།
སེམས་ཤུགས་ནམ་ཡང་ཆགས་མེད།
ལྷག་བསམ་གཅིག་ལ་བསྒྲིལ་ནས།
རང་སྲོག་བློས་གཏང་བྱེད་ཀྱི།
རྒྱ་དམར་ཀླ་ཀློའི་འོག་ནས།
རང་བཙན་ལེན་པ་བྱེད་ཀྱི།
བོད་ཀྱི་བདག་པོ་བོད་མི་ཡིན།
རྒྱ་དམར་ཀླ་ཀློ་ཕར་རྒྱུགས་ཤིག