ཕ་ཡུལ་དྲན་གླུ།
དང་པོ་ནང་ནས་ཡོང་དུས།
ཕ་མ་དྲན་ནས་སྐྱོ་བྱུང་།
ས་མཐའ་ལན་གསུམ་སྐོར་དུས།
ཕ་ཡུལ་མེད་པས་སྐྱོ་བྱུང་།
ཐག་རིང་མི་ཡུལ་སླེབས་དུས།
༧རྒྱལ་བའི་ཐུགས་རྗེས་གཟིགས་བྱུང་།
ཁོང་གི་མཛད་རྗེས་མཐོང་དུས།
བཀྲིན་ཡིད་ལ་དྲན་བྱུང་།
དང་པོ་ནང་ནས་ཡོང་དུས།
ཕ་མ་དྲན་ནས་སྐྱོ་བྱུང་།
ས་མཐའ་ལན་གསུམ་སྐོར་དུས།
ཕ་ཡུལ་མེད་པས་སྐྱོ་བྱུང་།
ཐག་རིང་མི་ཡུལ་སླེབས་དུས།
༧རྒྱལ་བའི་ཐུགས་རྗེས་གཟིགས་བྱུང་།
ཁོང་གི་མཛད་རྗེས་མཐོང་དུས།
བཀྲིན་ཡིད་ལ་དྲན་བྱུང་།
སོ་སོའི་རྒྱལ་ཁབ་དོན་དུ།
ཞེན་དང་ཤ་ཚ་བྱས་ནས།
རང་ལ་དགོས་པའི་ཡོན་ཏན།
རྟག་ཏུ་ཡིད་ལ་དྲན་བྱུང་།