ཕ་ཡུལ་དྲན་གླུ།

སྐྱོ་བོ་གཞན་ཡུལ་འགྲིམ་དུས།
སེམས་པ་སྐྱོ་ནས་སྐྱོ་བྱུང་།
ཁུ་བྱུག་གསུང་སྙན་སྒྲོག་དུས།
ཨ་མའི་གསུང་སྐད་དྲན་བྱུང་།
ཉི་མ་ནུབ་རིར་གནས་དུས།
རི་ཀླུང་རྨུག་གིས་བཟུང་སོང་།
ཤིང་ལོ་ས་ལ་འཐོར་དུས།
སྐྱིད་པའི་ཕ་ཡུལ་དྲན་བྱུང་།
ངེད་ཀྱིས་ལེན་པའི་གླུ་དབྱངས།
ཁྱོད་ཀྱིས་རྣ་བར་གསན་དང་།
བདག་ཅག་གང་དུ་སླེབས་ཀྱང་།
བྲལ་ཐབས་ཡེ་བས་མེད་དོ།