ཕ་ཡུལ་དྲན་གླུ

ལ་ལུང་མང་པོ་བརྒྱབ་ནས།
གཞན་ཡུལ་ཕྱོགས་ལ་བསླེབས་སོང་།
ས་རྒྱུས་མེད་པའི་གཞན་ཡུལ།
རང་སེམས་ཆགས་པ་མི་འདུག
བྱམས་སེམས་ཅན་གྱི་སྐྱེད་མ།
རྨི་ལམ་ནང་དུ་མཇལ་དུས།
ང་ཡིས་སྙིང་གཏམ་ཁྱེད་ལ་ཞུས་ཀྱང་།
ཁྱེད་ཀྱིས་ཐོས་ཀྱང་ཐོས་ཀྱིན་མི་འདུག
གཞན་ཡུལ་ཕྱོགས་ཀྱི་མི་རྣམས།
ཕ་མ་སྤུན་མཆེད་ཡིན་ན་བསམ་བྱུང་།
ང་ཡི་སྙིང་གཏམ་ཁྱེད་ལ་ཞུས་ཀྱང་།
ཁྱེད་ཀྱིས་ཕོས་ཀྱང་ཐོས་ཀྱིན་མི་འདུག
ལ་ལུང་མང་པོ་བརྒྱབ་ནས།
གཞན་ཡུལ་ཕྱོགས་ལ་བསླེབས་སོང་།
ས་རྒྱུས་མེད་པའི་གཞན་ཡུལ།
རང་སེམས་ཆགས་པ་མི་འདུག
བྱམས་སེམས་ཅན་གྱི་སྐྱེད་མ།
རྨི་ལམ་ནང་དུ་མཇལ་དུས།
ང་ཡིས་སྙིང་གཏམ་ཁྱེད་ལ་ཞུས་ཀྱང་།
ཁྱེད་ཀྱིས་ཐོས་ཀྱང་ཐོས་ཀྱིན་མི་འདུག
གཞན་ཡུལ་ཕྱོགས་ཀྱི་མི་རྣམས།
ཕ་མ་སྤུན་མཆེད་ཡིན་ན་བསམ་བྱུང་།
ང་ཡི་སྙིང་གཏམ་ཁྱེད་ལ་ཞུས་ཀྱང་།
ཁྱེད་ཀྱིས་ཕོས་ཀྱང་ཐོས་ཀྱིན་མི་འདུག