ཨ་མ།
སེམས་གཏིང་ནས་དྲན།
ངའི་ཨ་མ་ལགས།
བྱམས་དང་བརྩེ་བས་བསྐྱངས་བའི་དྲིན་ཅན་མ།
སེམས་གཏིང་ནས་དྲན།
ངའི་ཨ་མ་ལགས།
ཐག་རིང་རྒྱང་དུ་བཞུགས་པའི་ཨ་མ་ལགས།
བུ་ཆུང་ངའི།
སེམས་གཏིང་ནས།
ཁྱེད་ཉིན་མཚན་མེད་པར་དྲན་བྱུང་ཨ་མ་ལགས།
ཨ་མ་ལགས།
བུ་ང་ཡི་སྙིང་ནས་བརྩེ་བའི་ཨ་མ་ལགས།
ཨེ་མ།
ཆེམ་ཆེམ་དུ་འཕྲོ་བའི་ནམ་མཁའི་སྐར་འོད།
ཡུམ་ཆེན་གྱི་བྱམས་བརྩེའི་སྤྱན་མིག་དང་འདྲ་ཞིང་།
ཐག་རིང་གི་བུ་ང་ལ་བརྩེ་བའི་བཞད་མོ་ཚག་ཚག་གནང་བ་དང་གཉིས་སུ་ག་ལ་ཡོད།
བརྩེ་བའི་ཨ་མ་ལགས།
ཁྱེད་ཉིད་ད་ཆ་གང་དུ་བཞུགས་ཡོད་དམ།
བུ་ཆུང་ངས་མི་ཡུལ་གྱི་ནམ་མཁའི་སྐར་ཚོགས་ལ་བལྟ་ཞིང་།
སེམས་ཁོངས་ནས་ཁྱེད་ཉིད་ནམ་ཞིག་མཇལ་རྒྱུར་རེ་སྒུག་བྱེད་བཞིན་ཡོད།
ཨ་མ་ལགས།
ངའི་སྙིང་ནས་བརྩེ་བའི་ཨ་མ་ལགས།
སེམས་གཏིང་ནས་དྲན།
ངའི་ཨ་མ་ལགས།
ཆུང་ནས་ནུ་ཞོས་སྐྱོང་བའི་དྲིན་ཅན་མ།
སེམས་གཏིང་ནས་དྲན།
ངའི་ཨ་མ་ལགས།
ཡིད་ལ་དབང་མེད་འཁོར་བའི་ཨ་མ་ལགས།