ཕ་ལོ་མ་ལོ།
སྔོ་ལྗང་ལྗང་ས་ཆ་དེ་ལ།
ཁྲ་འཁྱིལ་ལེ་མེ་ཏོག་བཞད་དུས།
ང་ཡི་ཕ་ཡུལ་མ་ལོ་དྲན་བྱུང་།
ང་ལོ་དྲན་བྱུང་།
དུས་སྐབས་དེ་དང་བསྟུན་ནས།
དགའ་ལྷང་ལྷང་བརྩེ་སེམས་བསམ་ན་ཡང་།
སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི།
ནགས་རྒྱ་རྫོང་ཤུག་པའི་ཡུལ་ནས།
ང་ཡི་དྲིན་ཆེན་ཕ་ལོ་དྲན་བྱུང་།
དྲིན་ཆེན་ཕ་ལོ་དྲན་བྱུང་།
དུས་སྐབས་དེ་དང་བསྟུན་ནས།
སེམས་དགའ་དགའ་སྐྱིད་པོ་བསམ་ན་ཡང་།
སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི།
སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི།
གངས་མཐོན་པའི་དབུ་རྩེ་དེ་ནས།
གསེར་སེར་པོའི་ཉི་མ་ཤར་དུས།
ང་ཡི་བརྩེ་བའི་ཕ་མ་དྲན་བྱུང་།
ཕ་མ་དྲན་བྱུང་།
དུས་སྐབས་དེ་དང་བསྟུན་ནས།
ཡིད་སྤྲོ་བའི་སེམས་པ་དགའ་ན་ཡང་།
སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི།
སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི།
དུས་སྐབས་དེ་དང་བསྟུན་ནས།
ཡིད་སྤྲོ་བའི་སེམས་པ་དགའ་ན་ཡང་།
སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི།
སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི།