ཕ་གི་གངས་རི་དཀར་པོ།
ཕ་གི་གངས་རི་དཀར་པོ།
མཐོང་བས་ཕ་ཡུལ་དྲན་བྱུང་།
ནམ་མཁའིསྐར་ཆེན་ཤར་ཙམ།
དྲིན་ཅན་ཕ་མ་དྲན་བྱུང་།
ཨ་ཙི་ཨོ་རོག་ནག་ཆུང་།
ལྷ་སའི་གནས་ཚུལ་ཤོད་དང་།
ཡབ་ཡུལ་གཉིས་ཀྱི་དགོངས་ལ།
ཐུགས་འཁྲལ་ཅི་འདུག་གསུངས་དང་།
ང་ནི་མི་ཡུལ་ལུས་སོང་།
སེམས་པ་ལྷགས་པས་འཁྱེར་སོང་།
ནམ་མཁའི་བླ་མ་དཀོན་མཆོག
རང་ཡུལ་ཕྱོགས་སུ་འཁྱེར་ཞིག
ང་ཡི་གཡུ་འབྲུག་སྔོན་མོ།
ཐུགས་སེམས་སྐྱོ་སྐྱོ་མ་གནང་།
ལས་དང་སྐལ་བ་ཡོད་ན།
མཇལ་བའི་དུས་ཤིག་ཤར་ཡོང་།