པལ་སྒྲོན་སྐྱོ་གླུ།
ཚིག་གདངས། དམངས་ཁྲོད།
ལྷ་གཞོལ་་༼ལ་༽ བྱེ་མའི་དཀྱིལ་ལ།
༼ཨ་ལ་༽ བུ་མོ་༼ལ་༽ འདྲ་མིན་སྣ་ཚོགས།
ལྡོག་ལོ་ལ་མོ་བརྒྱབ་མཁན།། ༼ལ་ནི་༽
ལྡོག་ལོ་ལ་མོ་བརྒྱབ་མཁན།། ༼ལ་ནི་༽
ཆུ་ལ་ ༼ནི་༽ ལྷགས་པ་བརྒྱབ་ནས།།
༼ཨ་ལ་༽ རྡེལ་མང་ ༼ལ་༽ མཐའ་ལ་ ཕུད་སོང་།
ཡབ་ཡུམ་བཀའ་མོལ་གནང་ནས།། ༼ལ་ནི་༽
བུ་མོ་མཐའ་ལ་ ༼ལ་ནི་༽ ཕུད་སོང་།
ཡར་ལ་ ༼ལ་༽ ལྟས་ན་བྲག་རེད།
༼ཨ་ལ་༽ མར་ལ་ ༼ལ་༽ ལྟས་ན་ཆུ་རེད།།
བྲག་ཆུ་གཉིས་ཀྱི་བར་ལ།། ༼ལ་ནི་༽
བུ་མོ་ཆགས་ས་༼ལ་ནི་༽ མིན་འདུག
བུ་མོ་ཆགས་ས་༼ལ་ནི་༽ མིན་འདུག
དཔལ་སྒྲོལ་ ༼ལ་༽ ཁྲིད་ན་ངོ་ཚ།
༼ཨ་ལ་༽ དཔལ་སྒྲོན་ ༼ལ་༽ ཞག་ན་སྙིང་རྗེ།
དཔལ་སྒྲོན་ཇ་ཁུག་ནང་གི། ༼ལ་ནི་༽
དབྱངས་ལྡན་ཡིན་ན་ ༼ལ་ནི་༽ དགའ་བ།