དཔའ་བོ་ཐུབ་བསྟན་དངོས་གྲུབ།
བོད་ཀྱི་རྩ་དོན་ཆེད་དུ།
གཅེས་པའི་ལུས་སྲོག་ལོངས་སྤྱོད།
ཡོངས་སུ་གཏོང་གནང་མཛད་པའི།
དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས།
ཕྱི་ལོ་དགུ་བརྒྱ་གོ་བརྒྱད།
བཞི་བའི་ཉི་ཤུ་བརྒྱད་ཀྱི་ཉིན།
ཤིན་ཏུ་གཅེས་པའི་སྐུ་སྲོག
གཞུང་ལ་འབུལ་བར་གནང་སོང་།
ཤུལ་སྡོད་བོད་མི་རྣམ་པ།
རྩ་དོན་སྒྲུབ་པའི་ཐབས་ལམ།
མིག་དཔེ་བསྟན་པ་གནང་བར།
བསྔགས་པའི་མེ་ཏོག་ཐོར་ལགས།
ཁྱེད་ཀྱི་ཕུལ་བྱུང་སྙིང་སྟོབས།
མཐོང་ཐོས་ཡིད་ལ་དྲན་ཚེ།
དགའ་སྐྱོ་ཟུང་དུ་འབྲེལ་བའི།
འདྲེན་བྱེད་ཆར་གྱིས་བརླན་སོང་།
སྐྱེ་བའི་འཕྲེང་བ་ཀུན་ཏུ།
བདེ་སྐྱིད་ཕུན་ཚོགས་ཡོང་བ།
གཞིས་བྱེས་བོད་མི་ཡོངས་ཀྱི།
གདུང་འབོད་གསོལ་སྨོན་ལོས་ཞུ།