མི་འགྱུར་རྡོ་རྗེའི་དམ་ཚིག

ཚིག་དེ་དང་པོ་བཤད་པ།
ཚིག་མགོ་གངས་དཀར་ཏི་སེ།
དབྱར་གསུམ་ཉི་འོད་ཚ་ཡང་།
ཞི་བའི་བསམ་པ་ང་མེད།
ཚིག་དེ་གཉིས་པ་བཤད་པ།
ཚིག་རྩ་མ་ཕམ་གཡུ་མཚོ།
དགུན་གསུམ་འཁུག་པས་བསྔམས་ཀྱང་།
ཁངས་པའི་བསམ་པ་ང་མེད།
སོ་ཡ་རེ་ལོ་་་་་།
སོ་ཡ་རེ་ལོ་་་་་།
ཁངས་པའི་བསམ་པ་ང་མེད།
ཁངས་པའི་བསམ་པ་ང་མེད།
ཚིག་དེ་གསུམ་བཤད་པ།
ཚིག་རྔ་ཕོ་བྲང་དམར་པོ།
ལོ་ཟླའི་དུས་ཡུན་རིང་ཡང་།
ཞིག་པའི་བསམ་པ་ང་མེད།
ཁྱེད་ལ་བཤད་པའི་ཚིག་གསུམ།
མི་འགྱུར་རྡོ་རྗེའི་དམ་ཚིག།
ཉི་ཟླའི་ངོ་བོ་འགྱུར་ཡང་།
ཚིག་གསུམ་འགྱུར་པའི་དཔེ་མེད།
སོ་ཡ་རེ་ལོ་་་་་།
སོ་ཡ་རེ་ལོ་་་་་།
ཚིག་གསུམ་འགྱུར་པའི་དཔེ་མེད།
ཚིག་གསུམ་འགྱུར་པའི་དཔེ་མེད།
སོ་ཡ་རེ་ལོ་་་་་།
སོ་ཡ་རེ་ལོ་་་་་།
ཚིག་གསུམ་འགྱུར་པའི་དཔེ་མེད།
ཚིག་གསུམ་འགྱུར་པའི་དཔེ་མེད།