མཚོ་སྔོན།

མེ་ལོང་དེ་ཐང་ལ་བརྡལ་བ་ནས།
ང་ཡི་སེམས་ལ་ཨ་སྔོན་ནམ་མཁའ་དྲན་མ་མྱོང་།
བྱ་ཚོགས་དེ་གནམ་ལ་འཕུར་བ་ནས།
ང་ཡི་མིག་གིས་མཚན་མོའི་སྐར་ཚོམ་མཐོང་མ་མྱོང་།
ལུག་ཁྲུ་དེ་མདུན་དུ་བཀྲམ་པ་ནས།
ང་ཡིས་སྤྲིན་པ་དཀར་པོར་རྒྱང་ལྟ་བྱས་མ་མྱོང་།
མཚོ་སྔོན་གྱི་མཚོ།
སྙིང་ཁོངས་ན་འཕྱོ་བའི་མཚོ།
མཚོ་སྔོན་གྱི་མི།
སེམས་ཁོངས་ན་བཞུགས་པའི་མི།
ཟླབས་སྔོན་པོ་མཁའ་ལ་འཕྲུར་ཐེངས་རེར།
སེམས་དག་མོའི་གསོལ་བ་འདི་ནས་འདེབས།
གཅང་བོ་དེ་སེམས་ལ་བཞུར་བ་ནས།
ང་ཡིས་ནམ་ཡང་ཨ་སྔོན་དགུ་ཚིགས་མཐོང་མ་མྱོང་།
རི་བོ་དེ་མདུན་ནས་འགྱིང་བ་ནས།
ང་ཡིས་ནམ་ཡང་ཉི་ཟླའི་བཀྲག་མདངད་དྲན་མ་མྱོང་།
སྤང་ལྗོངས་དེར་མེ་ཏོགབཞད་པ་ནས།
ང་ཡིས་ནམ་ཡང་ཤམ་  ལའི་ཡུལ་གྲུ་དྲན་མ་མྱོང་།
མཚོ་སྔོན་གྱི་ཡུལ།
སྙིང་ཁོངས་ན་འགྱིལ་བའི་ཡུལ།
མཚོ་སྔོན་གྱི་མི།
སེམས་ཁོངས་ན་བཞུགས་པའི་མི།