གཉའ་ནང་མཐོང་ལ།

ཡང་ཡང་སོའོ།
གཉའ་ནང་མཐོང་ལའི་རྩེ་ནས།
རྟ་ཕོས་ཕྱིར་བལྟས་སློགས་བྱུང་།
རྟ་ཕོར་བདེན་པ་འདུག་གོ།
ཆག་གི་ཟ་འཕྲོས་ལུས་ཤག
ཡང་ཡང་སོའོ།
གཉའ་ནང་མཐོང་ལའི་རྩེ་ནས།
མི་ཕོས་ཕྱིར་བལྟས་སློགས་བྱུང་།
མི་ཕོར་བདེན་པ་འདུག་གོ།
སྙིང་གི་ཟེའུ་འབྲུ་ལུས་ཤག