ཉི་ཟླ།
ཉི་མ།
ངའི་ཟླ་བ།
བུ་མོ་ཁྱེད་ཡིན།
ངས་སེམས་པ་ཁྱེད་ལ་སྤྲད་ཡོད།
བུ་མོ།
ངས་ལུས་པོ་ཁྱེད་ལ་སྤྲད་ཡོད།
བུ་མོ།
ལྷང་ལྷང་ཡིད་ལ་དྲན་པའི་ངའི་དགའ་བོ།
སྙིང་སྡུག་ལ་ང་ཡི་མཛེས་ལྡན་ལྷ་མོ།
དཀར་གསལ་ཟླ་བའི་འོག་ལ།
ལན་གཅིག་ང་དང་ཐུགས་རོགས་གནང་དང་།
ངའི་གསོག་རྩ་ཁྱེད་ཀྱི་ཞལ་རས་འདི་ནི།
ལྡུམ་རྭའི་ནང་གི་མེ་ཏོག་ལས་མཛེས་པ།
བུ་ངས་ཁྱེད་ལ་འརྩེ་བ།
མི་འཚེ་འདི་ནས་བྲལ་ཡང་རྫོགས་པ་མེད།
མཛེས་ལྡན་ཁྱེད་ཀྱིས་ང་ལ་གཟིགས་འདོད་ཡོད་ན།
དབུ་སྐྲ་འདི་ཡི་འོག་ནས་ཟུར་མིག་བལྟ་དགོས་མེད།
དབུ་འདི་ཡར་གཅིག་བཀྱག་ནས་ལ།
ལན་གཅིག་ང་ལ་གཟིགས་རོགས་གནང་དང་།