ཉི་མ་སེམས་ལ་ཞོགས་དང་།

ཤར་ནས་ཉི་མ་ཤར་བྱུང་།
དྲོ་འཇམ་ཉི་མ་ཤར་བྱུང་།
དྲོ་འཇམ་ཉི་མ་ཤར་བའི་དྲིན་གྱིས།
གངས་ཆུ་ས་ལ་བབས་བྱུང་།
གངས་ཆུ་ས་ལ་བབས་ནས།
བྱང་ཐང་རྩྭ་ཆུ་བཟང་བྱུང་།
བྱང་ཐང་རྩྭ་ཆུ་བཟང་བའི་དྲིན་གྱིས།
གཡང་དཀར་ལུ་གུ་གསོས་བྱུང་།
ལུ་གུ་ཤ་ཤེད་རྒྱས་དུས།
ཉི་མ་སེམས་ལ་ཞོགས་དང་།
ཨ་ཅག་ཆོས་སྒྲོལ་མ་ལགས།
ཉི་མ་སེམས་ལ་ཞོགས་དང་།
ཤར་ནས་ཉི་མ་ཤར་བྱུང་།
དྲོ་འཇམ་ཉི་མ་ཤར་བྱུང་།
དྲོ་འཇམ་ཉི་མ་ཤར་བའི་དྲིན་གྱིས།
གངས་ཆུ་ས་ལ་བབས་བྱུང་།
གངས་ཆུ་ས་ལ་བབས་ནས།
ལོ་ཡག་རྩ་བ་ཚུགས་སོང་།
ལོ་ཡག་རྩ་བ་ཚུགས་པའི་དྲིན་གྱིས།
འབྲུ་སྣ་འཛོམས་པ་བྱུང་སོང་།
འབྲུ་སྣ་འཛོམས་པའི་དུས་ལ།
ཉི་མ་སེམས་ལ་ཞོགས་དང་།
ཨ་ཅག་ཆོས་སྒྲོལ་མ་ལགས།
ཉི་མ་སེམས་ལ་ཞོགས་དང་།