ཉི་མ་གསར་པ།
ཆུང་འདྲིས་སྐལ་བཟང་མཇལ་བས།
མིག་དང་སྣང་བ་འཕྲུལ་ནས།
བུ་ངའི་ལག་ཏུ་ཐེབས་སོང་།
ཨ་གསར་ཅན་གྱི་་ཆུང་འདྲིས།
ཡབ་ཡུམ་བཀའ་འཁྲོལ་མེད་པར།
མགོ་ལ་གཡུ་ཆུང་བསྐྱོན་ཡོད།
ལག་ལ་མཛུབ་བརྒྱུས་གཡོགས་ཡོད།
ཨ་གསར་ཅན་གྱི་ཆུང་འདྲིས།
གསེར་གྱི་སྒྲོག་གདུབ་བསྐོན་ཡོད།
བྱུ་རུའི་ཞགས་པ་བསྐོན་ཡོད།
གསེར་གཡུ་བྱུ་རུའི་གཡོགས་པའི།
ཨ་གསར་ཅན་གྱི་ཆུང་འདྲིས།
ཨ་ཡ་ལ་ཧོ།
ཉི་མ་གསར་བ་ཤར་ཡོང་།
ཆུང་འདྲིས་ཨ་གསར་ཅན་ལ།
བློ་དང་རེ་བ་བཅོལ་ཡིན།
མཚན་མོའི་ལས་འགྲོ་ཟང་སོང་།
ཨ་ཙི་ཆུང་འདྲིས་བྱམས་པ།
མཆི་མ་གཏོང་བ་མ་གནང་།
ད་རིང་གཤིབ་པའི་སྐལ་བ།
ང་རང་གཉིས་ལ་མི་འདུག
ཨ་ཡ་ལ་ཧོ།
ཉི་མ་གསར་བ་ཤར་ཡོང་།