ཉི་ཟླ་སྐར་གསུམ་དྲན་བྱུང་།

གསེར་ཉི་མ་གླིང་ཆེན་གཞན་ལ་ཤར།
དུང་ཟླ་བ་སྤྲིན་ནག་གྲིབ་མས་བསྒྲིབས།
ཡིད་མུན་སེལ་སྐར་ཆེན་འཕགས་རི་ཤར།
ཡུལ་གངས་ཅན་རྨོངས་པའི་མུན་པ་འཐིབས།
ཉི་ཟླ་སྐར་གསུམ།
ཡུལ་གངས་ཅན་རྨོངས་པའི་མུན་པ་འཐིབས།
ལུས་རྨོངས་པས་སྤྱོད་མིན་སྣ་ཚོགས་བྱེད།
ངག་རྨོངས་པས་ཚུལ་མིན་བསྔགས་བརྗོད་བཏང་།
ཡིད་རྨོངས་པས་རང་རིགས་རང་མ་ཤེས།
ལས་འདི་ལས་སྐྱོ་ཞིག་གང་ན་འདུག
ཉི་ཟླ་སྐར་གསུམ།
ལས་འདི་ལས་སྐྱོ་ཞིག་གང་ན་འདུག
དགུང་ཨ་སྔོན་ཉི་ཟླ་ཤར་བས་དུས།
ཡིད་མུན་སེལ་ཉི་ཟླ་སྐར་གསུམ་དྲན།
སེམས་སྐྱོ་བས་ངག་ནས་གླུ་འདི་བླངས།
མགོན་འརྩེ་བས་གངས་ཅན་སྐྱོ་སྡུག་གཟིགས།
ཉི་ཟླ་སྐར་གསུམ།
མགོན་བརྩེ་བས་གངས་ཅན་སྐྱོ་སྡུག་གཟིགས།
ཉི་ཟླ་སྐར་གསུམ།
མགོན་བརྩེ་བས་གངས་ཅན་སྐྱོ་སྡུག་གཟིགས།