ངའི་སེམས་གཏིང་གི་སྐད་ཆ།
ངའི་སེམས་གཏིང་གི་སྐད་ཆ།
ངའི་སེམས་ནས་དགའ་བའི་བུ་མོ།
ཁྱེད་ལ་བཤད་དགོས་བསམ་གྱི་འདུག
ཚེ་སྔོན་བསགས་པའི་ལས་ཀྱི།
ཁྱེད་དང་ཐུག་པ་ཡིན་ཡང་།
བུ་ང་བསོད་ནམས་མེད་དུས།
ཁྱེད་རང་ལས་ལ་མེད་འདུག
ངའི་སེམས་གཏིང་གི་སྐད་ཆ།
ངའི་སེམས་ནས་དགའ་བའི་བུ་མོ།
ཁྱེད་ལ་བཤད་དགོས་བསམ་གྱི་འདུག
བུ་ངའི་བརྩེ་བའི་བར་ལ།
གཞན་གྱི་ཕྲ་མ་བྱེད་སོང་།
ཁྱེད་རང་གཞན་ལ་ཤོར་དུས།
སེམས་ཀྱི་བདེ་བ་ཐོར་སོང་།
ངའི་སེམས་གཏིང་གི་སྐད་ཆ།
ངའི་སེམས་ནས་དགའ་བའི་བུ་མོ།
ཁྱེད་ལ་བཤད་དགོས་བསམ་གྱི་འདུག