ང་ཡི་དོན་གྲུབ་ཚེ་རིང་།
གངས་རི་རྩེ་མོའི་ཡུལ་དུ།
མཛའ་ཉེ་དོན་གྲུབ་ལུས་སོང་།
སེམས་པ་དོན་གྲུབ་དྲན་དུས།
མཆོད་པའི་རང་དབང་དོར་སོང་།
ང་ཡི་དོན་གྲུབ་ཚེ་རིང་ལ།
ནམ་མཁའི་བླ་མ་དཀོན་མཆོག
མི་ཡུལ་ཐོག་ལ་གཟིགས་དང་།
ལྷ་ཆོས་སྙིང་དུ་བཅོལ་ཡང་།
དཀོན་མཆོག་མཇལ་རྒྱུ་མི་འདུག
ཉམ་ཆུང་སྙིང་རྗེའི་ཡུལ་ལ།
མི་ཚེའི་བར་ཆད་མ་གཏོང་།
ད་དུང་ལས་ཀྱི་དཀྱིལ་འཁོར།
ང་དང་དོན་གྲུབ་མཇལ་འཛོམས་ཞུས་ཡོད།