ང་ཚོ་བོད་ཀྱི་འབྲོག་མོ།
སྔོ་བསངས་ནམ་མཁའི་ངོས་ལ།
སྤྲིན་དཀར་འཁྲིགས་པའི་འོག་ནས།
ང་ཚོ་བོད་ཀྱི་འབྲོག་མོ།
སྣང་བ་སྐྱིད་པོའི་མི་ཚེ།
དབེ་སྐྱིད་ཕུན་སུམ་ཚོགས་སོང་།
དབྱར་དགུན་དཔྱིད་ཀ་སྟོན་ཁ།
རྡུལ་གྲིབ་དྲི་མ་མེད་པའི།
རླུང་གཙང་ཆུ་གཙང་ཁོར་ཡུག
གཡུ་གཤོངས་སྤང་ལྗོངས་བདེ་མོར།
ཞི་བདེ་ལྷིང་འཇགས་གནས་པ།
ང་ཚོ་བོད་ཀྱི་འབྲོག་མོ།
སྣང་བ་སྐྱིད་པོའི་མི་ཚེ།
ཁ་ལ་བྲོ་བ་ཞིམ་པ།
ཕྱུར་ཕྱུར་རུལ་ཕྱུར་ཞིབ།
འོ་མ་མར་དང་སྤྲི་ཡོད།
ང་ཚོ་བོད་ཀྱི་འབྲོག་མོ།
གྲོགས་བཟང་པོ་གཡང་དཀར་ནག་ཕྱུགས།
ཟས་ཞིམ་པོ་གཡག་ཤ་ལུག་ཤ།
གོས་འཇམ་པོ་ཚ་རུའི་གྱོན།
དྲོ་བ་མ་གུར་ནང་ཡོད།
གྲོགས་བཟང་པོ་གཡང་དཀར་ལུག
ཟས་ཞིམ་པོ་ཚ་རུའི་ཤ།
གོས་འཇམ་མོ་ཚ་རུའི་གྱོན།
ནང་དྲོ་བོ་མ་གུར་ཡོད།
ང་ཚོ་བོད་ཀྱི་འབྲོག་མོ།