ང་ནི་གངས་རིའི་བུ་ཕྲུག

ང་ནི་གངས་རིའི་བུ་ཕྲུག
ས་མཐའ་འཁྱུམ་དགོས་བྱང་སོང་།
བྱ་ཁུ་ལོའི་སྐད་སྒྲ་ཐོས་དུས།
ངའི་དྲིན་ཆེན་ཕ་མ་དྲན་བྱང་།
བྱ་ཁུ་ལོ་དགུང་ལ་འཕུར་སོང་།
ཨོ་་་་དྲིན་ཆེན་ཕ་མ་མ་མཇལ།
དེའི་དོན་དུ་སེམས་ལ་སྐྱོ་སོང་།
ང་ནི་གངས་རིའི་བུ་ཕྲུག
ས་མཐའ་འཁྱུམ་དགོས་བྱང་སོང་།
བྱ་སྨ་བྱའི་སྒྲོ་མདངས་མཐོང་དུས།
ངའི་ཆུང་འདྲིས་མཇའ་མོ་དྲན་བྱང་།
བྱ་སྨ་བྱ་དགོང་ལ་འཕུར་སོང་།
ཨོ་་་ཆུང་འདྲིས་མཇའ་མོ་མ་མཇལ།
དེའི་དོན་དུ་སེམས་པ་སྐྱོ་སོང་།
ང་ནི་གངས་རིའི་བུ་ཕྲུག
ས་མཐའ་འཁྱུམ་དགོས་བྱང་སོང་།
བྱ་ཁུ་ལོའི་སྐད་སྒྲ་སྙན་སྒྲོགས་དུས།
ངའི་སྙིང་གི་གྲོགས་པོ་དྲན་བྱང་།
བྱ་ཁུ་ལོ་གནས་ལ་འཕུར་སོང་།
ཨོ་་་་གྲོགས་པོ་མཇལ་རྒྱ་མ་བྱང་།
དེའི་དོན་དུ་སེམས་ལ་སྐྱོ་སོང་།
ཨོ་་་་གྲོགས་པོ་མཇལ་རྒྱ་མ་བྱང་།
དེའི་དོན་དུ་སེམས་ལ་སྐྱོ་སོང་།
དེའི་དོན་དུ་སེམས་ལ་སྐྱོ་སོང་།