ང་ནི་བོད་པའི་བུ་ཡིན།

ང་ནི་བོད་པའི་བུ་ཡིན།
བྱམས་སེམས་ཅན་གྱི་བུ་ཡིན།
དཔའ་ངར་བརྩོན་འགྲུས་ལྡན་ཡོད།
ནམ་ཡང་ལད་མོ་མི་བྱེད།
ང་ནི་བོད་པའི་རིགས་ཡིན།
རིགས་བརྒྱུད་དཀར་པོ་དུང་ཡིན།
མེས་པོའི་གོམས་གཤིས་བཟང་པོ།
གཞན་ལ་མཉམ་བསྲེས་མི་བྱེད།
ང་ནི་བོད་པའི་མི་ཡིན།
རེ་བ་ཅན་གྱི་མི་ཡིན།
བོད་མིའི་རེ་བ་ཉག་ཅིག
རྩོད་ལེན་ནམ་ཡང་མི་གཏོང་།
ང་ལ་བོད་པའི་ཁྲག་ཡོད།
གངས་རི་དཀར་པོའི་ཁྲག་ཡོད།
བླ་མ་བཟང་པོའི་བཀའ་དྲིན།
ནམ་ཡང་སེམས་ནས་མི་འདོར།
ང་ལ་བོད་པའི་རུས་ཡོད།
ཤི་ན་བོད་པའི་འདྲེ་ཡིན།
བོད་དོན་མ་གྲུབ་བར་དུ།
སྐྱིད་པའི་སྐབས་ཤིག་མི་སྲིད།