ང་ཕྱི་ལ་ཐོན་འོངས།

ནམ་ནཁའི་སྤྲིན་དཀར་པོ་དེ།
འོད་ཆེམ་འོད་ཆེམ་ནས་ཤར།
ང་བུ་ཆུང་གི་མིག་ཆུ་དེ།
རྒྱུགས་ཆུ་བབས་པ་ལ་རེད།
ཨ་མ།
ང་འཆི་འཆི་བར་དུ་ཡོད་ཀྱང་།
ཚུར་ལ་སླེབས་ཡོང་ལོ།
ནམ་ནཁའི་སྤྲིན་དཀར་པོ་དེ།
ཁྱེད་ལ་འཕྱིན་གཅིག་བསྐུར།
ང་བུ་ཆུང་གི་སེམས་ནང་ནས།
གསོལ་བ་འདེབས་སོ་ལོ།
ཨ་མ།
ང་ས་ཆ་གང་དུ་སོང་ཡང་།
ཁྱེད་མིག་ལ་འཆར་སོང་ལོ།
རྫ་ཆུ་སྔོན་མོ་དེ།
སི་ལི་ལི་ལ་བབ།
ངའི་ཨ་མའི་སྐད་སྒྲ་དེ།
ཡིད་ལ་འཁོར་སོང་ལོ།
ཨ་མ།
ང་ས་ཆ་གང་དུ་སོང་ཡང་ན།
ཁྱེད་སྐད་ཆ་གོ་འདུག་ལོ།