ང་ཡི་སྐལ་བ།
མངོན་པར་བཀྲ་བའི་པདྨ།
ཤེས་པའི་མཚོ་མོའི་རྒྱན་རེད།
ཁུ་བྱུག་སྙན་པའི་དབྱངས་དེ།
ལས་ཅན་ང་ཡི་སྐུལ་བ།
བཀྲ་བའི་ནགས་ཀྱི་གསེབ་ན།
ཤེས་པའི་ཙན་དན་སྡོང་པོ།
དབྱངས་ལྡན་སྒྲ་སྙན་རྒྱུ་འདི།
ལས་ཅན་ང་ཡི་སྐལ་བ།
བཀྲ་ཤིས་ཉི་མ་འདི་ལ།
ཤིས་པའི་ཞིང་སྐྱོང་ལྷ་མོས།
དབྱངས་གསལ་སྔགས་ཀྱི་སྒྲ་ཡིས།
ལས་ཅན་ཐར་པར་འདྲེན་ནོ།