ང་ལ་ཁ་ཡག་མ་བཤད།

བརྩེ་དུང་བརྩེ་དུང་ཟེར་ནས།
ང་ལ་མགོ་སྐོར་མ་གཏོང་།
ང་ཡི་སེམས་པ་ཆུ་ཡིན།
ཆུ་བོའི་གཞུང་ལ་འདྲེས་འགྲོ།
བརྩེ་དུང་བརྩེ་དུང་ཟེར་ནས།
ང་ལ་མགོ་སྐོར་མ་གཏོང་།
བརྩེ་དུང་བརྩེ་དུང་ཟེར་ནས།
ང་ལ་མགོ་སྐོར་མ་གཏོང་།
ང་ཡི་སེམས་པ་ཆུ་ཡིན།
ཆུ་བོའི་གཞུང་ལ་འདྲེས་འགྲོ།
ཡིད་ཆེས་ཡིད་ཆེས་ཟེར་ནས།
ང་ལ་སླུ་བྲིད་མ་གནང་།
ང་ཡི་ཡིད་ཆེས་རྡོ་ཡིན།
རྡོ་ལ་གས་ཀ་ཤོར་འགྲོ།
ཡིད་ཆེས་ཡིད་ཆེས་ཟེར་ནས།
ང་ལ་སླུ་བྲིད་མ་གནང་།
ཡིད་ཆེས་ཡིད་ཆེས་ཟེར་ནས།
ང་ལ་སླུ་བྲིད་མ་གནང་།
ང་ཡི་ཡིད་ཆེས་རྡོ་ཡིན།
རྡོ་ལ་གས་ཀ་ཤོར་འགྲོ།
ང་རང་གཅིག་པུར་དགའ་ཞེས།
ང་ལ་ཁ་ཡག་མ་བཤད།
ང་ཡི་ལང་ཚོ་སྤྲིན་ཡིན།
སྤྲིན་པ་རླུང་བུས་དེད་འགྲོ།
ང་རང་གཅིག་པུར་དགའ་ཞེས།
ང་ལ་ཁ་ཡག་མ་བཤད།
ང་རང་གཅིག་པུར་དགའ་ཞེས།
ང་ལ་ཁ་ཡག་མ་བཤད།
ང་ཡི་ལང་ཚོ་སྤྲིན་ཡིན།
སྤྲིན་པ་རླུང་བུས་དེད་འགྲོ།
ང་རང་གཅིག་པུར་དགའ་ཞེས།
ང་ལ་ཁ་ཡག་མ་བཤད།
ང་རང་གཅིག་པུར་དགའ་ཞེས།
ང་ལ་ཁ་ཡག་མ་བཤད།
ང་ཡི་ལང་ཚོ་སྤྲིན་ཡིན།
སྤྲིན་པ་རླུང་བུས་དེད་འགྲོ།