ལྷ་སའི་བུ་མོ།

སྒྲོག་ཙེ་དམར་པོའི་སྟེང་གི་འབྲས་ཆང་།
ང་གཉིས་ལོ་མང་འདྲིས་པའི་གྲོགས་པོ།
མི་ཚོས་ཁྱེད་ལ་དམའ་འབེབ་ཆེ་ཡང་།
ཁྱེད་ནི་བུ་ངར་བཀའ་དྲིན་ཆེ་བ།
ངའི་ཕ་མ་ཟེར་ཡང་ཁྱེད་ལས་སུ་མེད།
ངའི་ཚེ་རོགས་ཟེར་ཡང་ཁྱེད་ལས་སུ་མེད།
ངའི་གྲོགས་པོ་ཆང་རེད།
ཆང་མངར་མོ་ཞིམ་པོ།
ངའི་གྲོགས་པོ་དུག་རེད།
དུག་ཡིན་པ་མ་ཤེས།
ལུས་འདར་བའི་སྐབས་ལ་ཕན་པའི་སྨན་ཡིན།
སེམས་སྐྱོ་བའི་སྐབས་ལ་སེམས་གསོ་ཁྱེད་ཡིན།
དཔའ་ཞུམ་པའི་དུས་ལ་བློ་ཁོག་ཁྱེས་སྤྲད།
སེམས་ཡིད་ཐང་ཆད་སྐབས་སེམས་ཤུགས་ཁྱེས་སྤྲད།
ངའི་ཕ་མ་ཟེར་ཡང་ཁྱེད་ལས་སུ་མེད།
ངའི་ཚེ་རོགས་ཟེར་ཡང་ཁྱེད་ལས་སུ་མེད།
ངའི་གྲོགས་པོ་ཆང་རེད།
ཆང་མངར་མོ་ཞིམ་པོ།
ངའི་གྲོགས་པོ་དུག་རེད།
དུག་ཡིན་པ་མ་ཤེས།