ང་ཡི་མི་ཚེ།
བུ་ཆུང་ང་ཡི་མི་ཚེ་འདི་ནི།
ཤོག་བུ་དཀར་པོ་ཞིག་དང་འདྲ་བྱུང་།
རླུང་འཚུབ་གང་དུ་བརྒྱབས་ཀྱང་།
དབང་མེད་དེ་ཡི་ཕྱོགས་སུ་འཁྱེར་ནས་འགྲོ།
སྲོག་ཆགས་བྱ་བྱིའུ་ཡིན་ན་ཡང་།
རང་ལ་སྡོད་སའི་གནས་ཤིག་ཡོད་རེད།
གང་དུ་འགྲོ་དགོས་བསམས་ཀྱང་།
རང་དབང་རང་ལ་ཡོད་རེད།
འདི་ང་ཡི་མི་ཚེ་རེད།
ཁྱེད་རྣམ་པ་སེམས་འཁྲལ་གཏན་ནས་གནང་མི་དགོས།
འདི་ང་ཡི་མི་ཚེ་རེད།
རང་གི་བསམ་པའི་ལམ་འདི་འགྲུབ་ཆེད།
འབད་བརྩོན་བྱེད་བཞིན་ཡོད།
འདི་ང་ཡི་མི་ཚེ་རེད།
རྒྱུས་མེད་ལམ་ཞིག་ལ་འགྲོ་བཞིན་ཡོད།
གང་དུ་སླེབས་གང་དུ་འགྲོ་ང་ཡིས་མི་ཤེས།
ཐབས་སྡུག་ང་ཡི་མི་ཚེ་འདི་ལ།
བསམ་རྒྱུ་དྲན་རྒྱུ་གང་ཡང་མི་འདུག
བུ་ངས་དཀོན་མཆོག་གསུམ་ལ་ཞུས་པ་ཡིན།
བུ་ངའི་ལས་ལ་འགྱུར་བ་ཞིག་གཏོང་རོགས།
ནམ་མཁའ་ནས་སྒྲ་ཞིག་ཐོས་བྱུང་།
སེམས་པ་བཟང་ན་ས་དང་ལམ་ཡང་བཟང་།
འདི་ང་ཡི་མི་ཚེ་རེད།