New York གི་བུ་མོ།
New York གི་བུ་མོ།
དང་པོ་མཇལ་པའི་སྐབས་ལ།
Hiལབ་དགོས་ཡིན་ནམ།
Helloལབ་དགོས་ཡིན་ནམ།
ག་རེ་ལབ་དགོས་ཡིན་ནམ་བསམས་ནས་བསྡད་ཡོད།
ཉིན་མ་མང་པོའི་སྔོན་ནས།
ཁྱེད་རང་འགུག་ནས་བསྡད་ཡོད།
དེ་རིང་མཇལ་བའི་ཉིན་མོས།
སྒུག་པའི་རེ་བ་བསྒྲུབས་སོང་།
གཟུགས་གཞི་རྩ་རི་སྨྱུགས་མ།
ཞལ་རས་དཀར་གསལ་ཟླ་བ།
མཇལ་བ་ཙམ་གྱིས་ཡིད་ལ།
བདེ་བའི་རྩ་བ་བཙུགས་སོང་།
བཀའ་མོལ་ཚིག་གསུམ་ཞུས་དུས།
ཞལ་ནས་འཛུམ་ཞིག་བསྟོན་བྱུང་།
སེམས་ནང་དྲན་པའི་སྐད་ཆ།
ཁྱེད་ལ་བཤད་དགོས་བསམས་བྱུང་།
སྙིང་གཏམ་ཞུ་བར་ཁག་སོང་།
ཞུས་ན་གོ་བར་ཁག་སོང་།